面孔:20世纪传奇人物

评分:
6.0 还行

原名:Icons又名:面孔

分类:纪录片 /  英国  2019 

简介: 人物传记形式纪录片,BBC通过展示20世纪政治、科学、文化艺术等各个领域伟大传奇

更新时间:2022-12-28

面孔:20世纪传奇人物影评:ངོ་གདོང་།


ལར་ན་འཇིག་རྟེན་འདིར་རྒྱལ་ཁབ་དང་ས་ཁོངས། མི་རིགས་དང་ཡུལ་སྲོལ་དད་མོས་མི་གཅིག་པའི་ཁྲོད་དུ་ཡང་རླབས་ཆེན་གྱི་མི་སྣས་རང་རང་གི་འཇོན་ནུས་ལྟར་ལས་རིགས་མི་འདྲ་བ་སོ་སོ་ཐད་ནས་གྲུབ་འབྲས་མང་པོ་ཞིག་བཞག་མྱོང་། དེ་ཡང་ཕྱི་གླིང་བའི་གློག་བརྙན་འདིར་གཟིགས་དང་ལས་རིགས་དེ་དག་མཚོན་པའི་མི་སྣ་དེ་ཚོའི་ངོ་གདོང་རེ་རེ་ང་ཚོའི་མཐོང་ལམ་དུ་བསྟར་ཡོང་།

༡. ཆབ་སྲིད་པ། 政治家 ༼ཆོ་ཅུས་ཨཱར། 丘吉尔 རོ་སི་ཝེ། 罗斯福 撒切尔 མཱན་དི་ལ། 曼德拉༽

༢. སྤྱི་ཚོགས་བྱ་འགུལ་སྤེལ་མཁན། 社会活动家 ༼ མ་ཧཱ་གྷན་དྷི། 独立甘地 ཧེ་ལིན་ཁེ་ལི། 海伦凯勒 མ་ཏིས་ལོའུ་དི་ཅིན། 马丁路德金种族平等 ༽

༣. ལུས་རྩལ་པ། 运动员 ༼རྐང་གྲུག་མཁན་པོ་པེ་ལིས། 足球贝利 ཁུ་ཚུར་མཁན་པོ་ཨ་ལིས། 拳王阿里 གཟེབ་གྲུག་མཁན་མོ་པུས་ལིན། 网球比利 དབང་སྐྱོན་རྒྱུག་རྩལ་མཁན་མོ་ཐཱན་ནེས། 残奥竞速坦妮 ༽

༤. སྒྱུ་རྩལ་པ། 艺术家 ༼པིས་ཅཱ་སོ། 毕加索 བོའུ་ཧྥོ། 伍尔芙 ཞིས་ཆིན་ཁི་ཁིལ། 希区柯克 བོའུ་ཧོང་། 沃霍尔༽

༥. ཚོད་ཞིབ་པ། 探险家 ༼ ཧྲ་ཁུར་ཏུན། 沙克尔顿 ཀེ་ཐུ་ལོའུ་དི། 格特鲁德贝尔 ཨ་མོ་སི་ཐུ་ལཱང་། 阿姆斯特朗 ཀྲིན་ནེ་ཀོའུ་ཏོ། 珍妮古道尔༽

༦. ཚན་རིག་པ 科学家 ༼ཁུ་རེ་ལྕམ་མོ། 居里夫人 ཨེན་སིན་ཐཱན། 爱因斯坦 图灵 屠呦呦༽

༧. སྐར་རྒྱན་ནམ་འཁྲབ་སྟོན་པ། ༼卓别林 比利荷莉戴 梦露 大卫鲍威༽

༨. གཞས་པ། 音乐家 སོགས་དུས་རབས་ཉི་ཤུ་བའི་ནང་བྱུང་མྱོང་བའི་རླབས་ཆེན་གྱི་མི་སྣ་དེ་དག་གི་རྒྱལ་ཁོངས་མི་གཅིག་ཅིང་རང་རང་གི་ལས་རིགས་ཀྱི་ཐད་སྲོག་བསྡོས་ཀྱིས་བློས་བཏང་ཞིང་། བདེམ་དོན་གྲོགས་སུ་བརྟེན་པས་ཁོ་ཚོ་སླར་ཡང་མི་སེམས་སུ་འཁྲུངས་ཐུབ་པས། དེ་དག་ལ་དགའ་མགུ་དང་བསྟོད་པའི་མེ་ཏོག་མཆོད་མཁན་ནི་དུས་རབས་ཉེར་གཅིག་པའི་མི་ཚོའི་ཁྲོད་ན་ཡོད་པ་ཤ་སྟག་རེད། བདེན་ནི་བདེན་དོན་རང་ཡིན་པས་དེ་ནི་སུ་དང་གང་གིས་ཀྱང་བསྒྱུར་ཐབས་མེད་པ་ཞིག་གོ གོང་གི་དཔེ་མཚོན་གྱི་མི་སྣ་དེ་དག་གི་ལས་རིགས་སོ་སོ་ཡིན་པ་དེ་ལས་ལས་རིགས་སོ་སོ་ཡིན་ཡང་བདེན་དོན་གྲོགས་སུ་བརྟེན་མིན་ནི་སོ་སོ་ལ་རག་ལས་པ་རེད་མ་གཏོགས། ལས་རིགས་སྐྱོན་ཅན་མིན་པར་དེ་ཡང་ལས་རིགས་དེར་ཞུགས་མཁན་གྱི་མི་རང་རང་གི་བསམ་བློ་ལ་རག་ལས་པས། དེ་ཡང་མི་གང་འདྲ་ཞིག་ཡིན་མིན་ལས་རིགས་ཀྱིས་ཐག་གཅོད་བྱེད་མི་ཐུབ་བོ། །གོང་གི་མི་སྣ་དེ་ཚོ་ནི་མི་རིགས་དང་རྒྱལ་ཁབ་གཞན་གྱི་མི་སྣ་ཡིན་པ་བདེན་དུ་བཅུག་ཀྱང་ཁཀ་ཚོས་རང་རང་གི་སྐབས་ཡོད་ཀྱི་དཀའ་ཁག་དང་གནད་དོན་དག་དངོས་ཡོད་གནས་ཚུལ་གྱིས་ཐག་གིས་བཅད་པ་བདེན་པ་མིན་ནམ།

དེ་བས་བདག་གི་གསལ་བཤད་འདི་ཀློག་པ་པོ་ཁྱེད་དང་འུ་གཉིས་བར་ཐག་ཉེ་རུ་གཏོང་ཐབས་ལ་འབད་པའི་ཚུལ་ལམ་གོ་བདེ་བའི་ཆེད་དུ་དེ་ཙམ་གླེང་བ་ཡིན། བརྗོད་འདོད་པ་གཙོ་བོ་འདི་མ་ཡིན་པར་ད་ལྟའི་བོད་རང་གི་རིགས་མཐུན་གྱི་མི་སྣ་གེ་མོའི་སྐད་ཆའི་སྣེ་བཟུང་ནས་སྐད་ཆ་ཁ་ཤས་ཤིག་ཤོད་འདོད་པ་ཙམ་ཡིན་ནོ། །

དེ་ཡང་ཉེ་ལམ་དྲྭ་ཚོམས་སུ་རྒན་བོང་རྫིས་རྒན་གཡང་དགའ་གླེང་བའི་གཏམ་ཞིག་བྱ་སྤུ་སྤུར་བ་བཞིན་སློབ་ཆེན་གྱི་དགེ་རྒན་གེ་མོ་དང་སློབ་འབྲིང་གི་དགེ་རྒན་གེ་མོ། ཞིབ་འཇུག་སློབ་མ་གེ་མོ་ཞིག་གིས་བསྟོད་པའི་མེ་ཏོག་ཕུལ་ཅིང་མི་མཐུན་ཚིག་ཟུར་གྱི་མདའ་མོ་འཕེན་མཁན་སོགས་བཤད་པ་སྣ་ཚོགས་སྤེལ་གྱིན་ཡོད། དེ་བས་འདི་ལ་དོ་སྣང་བྱེད་མཁན་གྱི་རང་རའི་ཤེས་ཡོན་པའི་སྡེ་ཁག་ཏེ་རིགས་མཐུན་སྤུན་ཟླའི་ཁྲོད་ཉུང་ཉུང་མིན་པ་གཞི་ནས་ཤེས་སོང་། འདི་དང་འབྲེལ་ནས་བདག་གིས་ཀྱང་དངོས་ཡོད་གནས་ཚུལ་ལབ་ཅིག་ལབ་འདོད་བྱུང་སོང་།

༡. བོང་རྫི་ན་རེ།

རྒན་གཡང་དགས་ཚུལ་ཁྲིམས་བློ་གྲོས་ཆབ་སྲིད་པ་རེད་ཟེར། དེའི་ལས་སྟངས་བཅའ་སྟངས་ལ་བལྟས་ཡོང་ན། དེས་དངོས་གནས་ཆབ་སྲིད་པའི་ལས་ཀ་ལས་ཀྱིན་འདུག་ཅེས་ལབ་མྱོང་།

༢. མ་ཁ་ན་རེ།

ལར་ན་ང་ཡང་བོད་རང་གི་ས་ཁམས་ཀྱི་གནས་སྟངས་ལྟར་ས་ཕྱོགས་བཀར་ཚུལ་ལས་མདོ་སྨད་ཨ་མདོའི་ཕྱོགས་ཀྱི་མི་ཞིག་ཡིན་ལ། གནས་དེ་གའི་ཡུལ་ལུང་གེ་མོའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་མྱོང་། དེ་འབྲེལ་གྱི་སྐད་ཆ་ལ་ལ་ཞིག་སེམས་སུ་ཤར་ནུས་ན་ཡང་ད་དུང་ཤོད་མི་ཐུབ་པར་འཛེམ་དགོས་པའི་ཆ་ཡང་ཁ་ཤས་མེད་པ་མ་རེད། དེ་བས་དངོས་ཡོད་ཀྱི་གནས་ཚུལ་ཁ་ཤས་ཤིག་ཡི་གེ་ལམ་ནས་འབྲི་འདོད་ཀྱིས་སྤོབས་པ་དང་དུ་བླངས་སོ། །

དེ་ཡང་ཨ་མདོའི་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡང་ཆབ་སྲིད་པ་ཞིག་ཡིན་པ་རྩོད་མེད་ལྟ་བུ་འདོད་ཅིང་ཁོང་ཡང་ཨ་མདོའི་མི་བྱིངས་ཀྱི་དད་པའི་སྤུ་ལོང་གཡོ་ས་དང་གཙུག་གི་ནོར་བུ་ལྟ་བུ་ཡིན། དེ་བཞིན་དུ་ང་རང་ཁམས་ཕྱོགས་སུ་ཡོང་ནས་ལོ་ཕྱེད་མ་གཏོགས་འགོར་མེད། ཡུན་འདི་གའི་རིང་རྒྱུས་ལོན་པའམ་བག་ཆགས་བཞག་པ་ནི་ཚུལ་ཁྲིམས་བློ་གྲོས་ཀྱང་ཁམས་ཕྱོགས་སུ་ཨ་མདོའི་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལྟར་སྙན་གྲགས་ཡོད་ལ་མི་མང་པོའི་དད་པའི་སྤུ་ལོང་གཡོ་ས་དང་གཙུག་གི་ནོར་བུ་ལྟ་བུ་ཆགས་ཡོད། དེ་མིན་ང་ཚོའི་ས་ཆ་ན་ཡང་ཚུལ་ཁྲིམས་བློ་གྲོས་མི་ཤེས་མཁན་དང་ཁམས་ཕྱོགས་ན་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པ་མི་ཤེས་མཁན་གྱི་བོད་པ་ཡོད་པ་ཕལ་ཆེར་གཅིག་པ་ལྟ་བུ་རེད།

ང་ཚོའི་ལུང་པར་ཚུལ་ཁྲིམས་བློ་གྲོས་མི་ཤེས་མཁན་དང་མིང་ཡང་གོ་མྱོང་མེད་མཁན་མང་པོ་ཡོད། དེ་མིན་ཁམས་ཕྱོགས་ཀྱི་སློབ་གྲྭ་གེ་མོ་འགྲིམས་མྱོང་མཁན་གྱི་མི་དེ་ཚོའི་གྲལ་ན་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པ་མི་ཤེས་མཁན་ཁ་ཤས་ལ་འཕྲད་མྱོང་།

དེ་བས་དངོས་ཡོད་གནས་ཚུལ་འདི་དང་འབྲེལ་ནས་བརྗོད་འདོད་པ་ནི་མཚན་སྙན་ནི་མཚན་སྙན་རང་ཡིན་པས། དེ་ལས་མཚན་སྙན་ལ་ལྡན་པའི་དོན་གྱི་ཡོན་ཏན་དེ་ཤེས་རྒྱུ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད། བདག་གིས་དེ་ལྟར་བརྗོད་དོན་ནི་དེ་དང་འབྲེལ་བའི་མི་ཚོས་གོང་གི་བཤད་སྟངས་མི་གཅིག་པའི་དོན་དག་ཆུང་ཆུང་འདི་ཡང་གློ་བུར་དུ་དང་ལེན་བྱེད་མི་ཕོད་པའི་བསམ་ཚུལ་སྐྱེས་ངེས། གལ་སྲིད་དེ་ལྟར་སྐྱེས་ན་ཡང་དེ་ནི་རྒྱུན་ལྡན་ཅིག་རེད། གང་ལྟར་མཁས་པའི་རང་བཞིན་ནི་བདེན་པ་ལ་ཐག་ཅི་ཙམ་ཉེ་ན་དེ་ཙམ་གྱིས་དགའ་བ་སྐྱེས་ནུས་པས། མདོར་ན་རྒྱུ་མཚན་ཡང་དག་དང་མ་དག་གཉིས་ཀ་ཤེས་པའི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་ནོ། །བདག་གིས་ད་དུང་མི་ནི་རྙོག་འཛིང་ལྡན་པའི་སྲོག་ཆགས་ཤིག་ཡིན་པ་ཡང་ཞོར་ནས་ཤེས་ཡོད། གང་ལྟར་ཡ་མཚན་ཞིག་གཏན་ནས་བཤད་ཀྱིན་མེད། དངོས་ཡོད་གནས་ཚུལ་ཙམ་ལབ་པ་དེ་ཡིན། བསམ་ངན་སྦྱོར་བ་ལས་ཤིག་རྩོམ་པའི་བློ་ཞིག་ཡོད་མེད་དེ་དངོས་ཡོད་གནས་ཚུལ་བྲིས་པ་བདེན་མིན་གྱིས་ཐག་གིས་བཅད་དོ། །

༣. ད་ཡང་གོང་གི་སྐད་ཆ་ཁ་ཤས་ལ་བལྟས་ཡོང་རྗེས་མི་གེ་མོའི་སེམས་སུ་རྣམ་རྟོག་འདྲ་མིན་བཅོ་བརྒྱད་ཤར་ཡོང་གི་རེད། ཕལ་ཆེར་མི་བྱིངས་ཀྱིས་ང་ལ་སེམས་གསོའི་ཚུལ་དུ་བསོད་ནམས་ཟད་པའི་རྟགས་རེད། དམྱལ་བ་འགྲོ་བྱེད་ཀྱི་གཞི་རེད། རླུང་རྟ་མི་རྒྱུག་པའི་ལས་རེད་ཅེས་ཟེར་ཡོང་ཤོས་ཆེ། དོན་གྱིས་སྐྱོན་དེ་རིགས་སྐད་ཆ་ཤོད་མཁན་ལ་ཡོད་པའམ་ཡང་ན་ཉན་མཁན་ལ་ཡོད་མེད་ནི་དེ་གཉིས་སུ་ལ་ཡང་དོགས་པ་སྐྱེས་ཆོག་པ་ཞིག་མིན་པའི་ངེས་པ་ག་ལ་ཡོད།

ལར་ན་སྐད་ཆ་འདིའི་རིགས་ཤོད་མཁན་ནི་བོད་ཀྱི་གྲུབ་མཐའ་གེ་མོའི་རྗེས་འཇུག་པ་ཁོ་ན་ལ་ཡོད་པ་ཞིག་མིན་པར་ཕལ་ཆེར་གྲུབ་མཐའ་བྱིངས་ཀྱི་རྗེས་འཇུག་པ་ཚོའི་ཐུན་མོང་གི་ཤོད་སྟངས་ལྟ་བུ་ཆགས་འདུག དེ་བས་རང་རང་གི་སྲོལ་རྒྱུན་གྱི་བཤད་སྟངས་དང་མ་འདྲ་བ་གསར་བ་རེ་བྱུང་ཚེ། གོང་གི་ཚིག་དེ་དག་གིས་འཇིགས་སྐུལ་བའམ་གཤེ་གཤེ་འདྲ་གཏོང་ཡོང་ཚུལ་ཡང་ཕལ་ཆེར་གཅིག་པ་རེད། དངོས་ཡོད་གནས་ཚུལ་གྱི་སྒོ་ནས་དོན་ཐག་གཅོད་པ་ནི་གང་ནས་བལྟས་ཀྱང་མཐུན་པོ་ཞིག་ཡིན་མོད། འོན་ཀྱང་དེ་ལྟར་བྱེད་མཁན་ནི་དོན་གྱིས་ཉིན་མོའི་སྐར་མ་ཙམ་མིན་པའི་ངེས་པ་ཡང་མེད།

དེ་བས་བསམ་སྟངས་འདིའི་ལས་སྟངས་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་མིན་ནམ་སྙམ་པའི་དོགས་པ་ཞིག་ཀྱང་ཞོར་ནས་མི་སྐྱེས་བ་མ་རེད། དོན་གྱིས་མི་འཚེ་བ་ནི་འུ་ཚོའི་དོན་གྱི་རིང་ལུགས་ཡིན་ན། བསྟན་པའི་དོན་དུ་མི་གསོད་དགོས་པའམ་གཞན་ལ་འཇིགས་སྐུལ་དགོས་པ་ཞིག་གང་ན་ཡོད། དབང་ཆའི་ལག་ཆ་ཆོས་ལུགས་འདི་བྱེད་མཁན་ནི་ཆེས་འཇིགས་སུ་རུང་བའི་མི་དེ་ཅི་ལ་མིན་སྙམ།

༤. མདོར་ན་མི་ཞིག་གིས་བཤད་མྱོང་བའི་སྐད་ཆར་ཉན་པའམ་དཔྱད་པ་གཏོང་དུས་ཕྱོགས་ཞེན་དང་མ་འབྲེལ་བ། དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་ལབ་རྒྱུ་ནི་ཆེས་རིན་ཐང་ལྡན་པའི་སྐད་ཆ་རེད། དེ་ལྟར་ཤོད་ནུས་པའམ་གོ་སྐབས་ཡོད་མེད་ནི་རྒྱུ་མཚན་གཞན་རེད་མ་གཏོགས། ཤོད་ཐུབ་པའམ་བརྗོད་དགོས་བྱུང་ཚེ་དེ་ལྟར་ལབ་ན་དེ་ནི་གང་ལས་ཀྱང་ལྗིད་ངེས། དེ་ཡང་ཁས་ལེན་ཐོབ་དང་མི་ཐོབ་སོ་སོ་རེད་མ་གཏོགས། བདེན་པ་བདེན་པ་རང་ཡིན་པས། བདེན་པ་གྲོགས་སུ་བརྟེན་མཁན་ནི་དོན་གྱིས་མི་བསླུ་བའི་མཆོག་ཡིན་པ་ལ་ཡིད་ཆེས་པ་ནི་ངེས་དོན་གྱི་རྒྱུ་འབྲས་ཟེར་བ་དེ་ལོས་ཡིན།


面孔:20世纪传奇人物的相关影评

  • 6.4分 高清

    极光之爱

  • 7.4分 高清

    爱,藏起来

  • 6.4分 高清

    基友大过天

  • 7.1分 高清

    赤裸而来

  • 7.5分 高清

    萌动

  • 6.4分 高清

    神的孩子奇遇记

  • 7.5分 高清

    日后此痛为你用

  • 7.7分 高清

    非诚勿语

下载电影就来乐比TV,本站资源均为网络免费资源搜索机器人自动搜索的结果,本站只提供最新电影下载,并不存放任何资源。
所有视频版权归原权利人,将于24小时内删除!我们强烈建议所有影视爱好者购买正版音像制品!

Copyright © 2022 乐比TV icp123